请你歌唱

演唱:三智卓玛、索南曲珍
请你歌唱 - 索南曲珍/三智卓玛
ཚིག སེར་ཤུལ་རབ་གསལ།
词:སེར་ཤུལ་རབ་གསལ།
དབྱངས། གངས་མགོན་རྒྱལ།
曲:གངས་མགོན་རྒྱལ།
ལེན་མཁན། བསོད་ནམས་ཆོས་སྒྲོན་དང་བསམ་འགྲུབ་སྒྲོལ་མ།
演唱:索南曲珍/三智卓玛
上传人:念藏仁青
སྙན་བཟང་རིན་ཆེན གཤིས་འཇམ་འབྲོག་རིའི་བུ་མོ།
གཡང་དཀར་རི་ལ་འདེད་རོགས་ཡིན།
རྫ་སྐེད་མེ་ཏོག་ནང་ནས།
སྐྲ་ལོའི་ལན་བུ་སླ་རོགས་ཡིན།
བརྩེ་སེམས་གླུ་ལ་འདྲེས་ཡོད།
ཚིག་ལ་གཏམ་རྒྱུད་བྲིས་ཡོད།
གཏམ་རྒྱུད་དབྱངས་ལ་འགྲིག་ཡོད།
ཕ་སྐད་གཙང་མའི་གླུ་དབྱངས་མཉམ་དུ་བླངས་ཡོད།
ཕ་མའི་རེ་བ་སྒྲུབ་རོགས་ཁྱོད།
མི་ཚེའི་མདུན་ལམ་འཚོ་རོགས་ཁྱོད།
གསོ་ཡ་ལ་གླུ་ཆུང་ལེན་རོགས་ཁྱོད་ཡིན།
གསོ་ཡ་ལ་གླུ་ཆུང་ལེན་རོགས་ཁྱོད་ཡིན།
གཤིས་འཇམ་འབྲོག་རིའི་བུ་མོ།
ཐུལ་དཀར་འབྲི་མོ་བཞོ་རོགས་ཡིན།
སྦྲ་ནག་སྒོ་ཁྱིམ་བར་ནས།
བརྩེ་སེམས་གླུ་ལ་འདྲེས་ཡོད།
གླུ་ཆུང་བླངས་ཡོད།
ཚིག་ལ་གཏམ་རྒྱུད་བྲིས་ཡོད།
གཏམ་རྒྱུད་དབྱངས་ལ་འགྲིག་ཡོད།
ཕ་སྐད་གཙང་མའི་གླུ་དབྱངས་མཉམ་དུ་བླངས་ཡོད།
ཀ་ཁའི་རིག་གཞུང་སློབ་རོགས་ཁྱོད།
རྒྱུད་དྲུག་པི་ཝང་དཀྲོལ་རོགས་ཁྱོད།
གསོ་ཡ་ལ་གླུ་ཆུང་ལེན་རོགས་ཁྱོད་ཡིན།
གསོ་ཡ་ལ་གླུ་ཆུང་ལེན་རོགས་ཁྱོད་ཡིན།
གསོ་ཡ་ལ་གླུ་ཆུང་ལེན་རོགས་ཁྱོད་ཡིན།

你可能喜欢