恩重不过父母亲

演唱:拉龙措
霍尔仓拉浪措 - 恩重不过父母亲
作词:曼拉杰甫
作曲:德白
རྒྱུད་ཀི་ཅང་ཤེས་རེད།
འདི་མགོ་ནག་བོད་ཀྱི་བཅིབས་པ་རེད།
ལུས་བརྩེ་མདངས་མེད་པའི་རྟ་བདག་ཚོ།
དུས་རྒྱུན་དུ་བདག་འཛིན་རྟ་ལ་བྱོས།
འདིའི་ཡན་གི་དྲིན་ཆེན་ཁྱོད་ལ་མེད།
དུས་རྒྱུན་དུ་བདག་འཛིན་རྟ་ལ་བྱོས།
འདིའི་ཡན་གི་དྲིན་ཆེན་ཁྱོད་ལ་མེད།
སྤྲིན་དཀར་པོ་མཁའ་ནས་འཕྱུར་འདྲ་བོ།
རྒྱབ་བལ་འཇམ་འཚེར་དཀར་ལུག་ཁྱུ་རེད།
བོད་ཁ་བ་ཅན་གྱི་སྒོ་ཟོག་རེད།
ནོར་བདག་སྐྱོང་མེད་པའི་རྒྱུ་བདག་ཚོ།
དུས་རྒྱུན་དུ་འཚོ་སྐྱོང་ལུག་ལ་བྱོས།
འདིའི་ཡན་གི་དྲིན་ཆེན་ཁྱོད་ལ་མེད།
དུས་རྒྱུན་དུ་འཚོ་སྐྱོང་ལུག་ལ་བྱོས།
འདིའི་ཡན་གི་དྲིན་ཆེན་ཁྱོད་ལ་མེད།
དགུང་ཉི་ཟླ་མཁའ་ནས་གསལ་འདྲ་བོ།
ས་གར་འགྲོ་འཚོ་བའི་ཕ་མ་རེད།
ལུས་འབྱུང་བཞི་སྐྱོང་གི་དྲིན་ཆེན་རེད།
མགོ་ཀླད་པ་མེད་པའི་བུ་ཕྲུག་ཚོ།
དུས་རྒྱུན་དུ་བརྩི་འཇོག་ཕ་མ་བྱོས།
འདིའི་ཡན་གི་དྲིན་ཆེན་ཁྱོད་ལ་མེད།
དུས་རྒྱུན་དུ་བརྩི་འཇོག་ཕ་མ་བྱོས།
འདིའི་ཡན་གི་དྲིན་ཆེན་ཁྱོད་ལ་མེད།
དུས་རྒྱུན་དུ་བརྩི་འཇོག་ཕ་མ་བྱོས།
འདིའི་ཡན་གི་དྲིན་ཆེན་ཁྱོད་ལ་མེད།

你可能喜欢