心碎

演唱:卡瓦才让
སེམས་ཀྱི་གས་ཆགས།
心碎
ཚིག ཁྲི་ལུང་རྟོགས།
词/赤龙道
དབྱངས། ཁ་བ་ཚེ་རིང་།
曲/卡瓦才让
ལེན་མཁན། ཁ་བ་ཚེ་རིང་།
歌手/卡瓦才让
རྨ་སྟོད་ལ་ཁ་བ་བབས་སོང།།
རྨ་ཆུ་ལ་འགྲམ་དར་ཆགས་སོང་།།
རྨ་ཡུལ་འདི་འཁྱག་གིས་སྡམ་དུས།།
རྨ་འགྲམ་ནས་ངུ་སྙིས་སྐྱེས་སོང་།།
དམ་བཅའ་ཡི་མདུད་པ་ལྷོད་སོང་།།
དམ་ཚིག་ལ་གས་ཆགས་ཤོར་སོང་།།
སེམས་ཁོངས་ལ་ཁ་བ་བབས་སོང་།།
མིག་ཆུ་ཞིག་ས་ལ་ལྷུང་སོང།།
སོང་ཟིན་པའི་ལམ་ཀ་ལགས།
གྱེས་ཟིན་པའི་སྙིང་སྡུག་ལགས།
ལྷུང་བཞིན་པའི་མིག་ཆུ་ལགས།
ཡོད་ཚད་ལ་བདེ་མོ་འཇོག
~
རྨ་རྐེད་ལ་སྨུག་པ་འཐིབ་སོང་།།
རྨ་སྨད་ལ་རླུང་བུ་གཡུག་སོང་།།
རྨ་ཐང་ལ་ས་རྡུལ་འཁོར་དུས།།
རྨ་ཡུལ་ནས་ངུ་སྙིང་སྐྱེས་སོང་།།
ཡོད་ཚད་ཞིག་ཁྱེད་ལ་ཤོར་ཡང་།།
ཁྱེད་ཉིད་ལ་ལེ་བརྡལ་མི་བྱེད།།
ཡོད་ཚད་ཞིག་ཁྱེད་ཀྱིས་འཁྱེར་ཡང་།།
ལས་དབང་ལ་ཁེངས་ར་མི་བྱེད།།
སོང་ཟིན་པའི་ལོ་ཟླ་ལགས།
གྱེས་ཟིན་པའི་སྙིང་སྡུག་ལགས།
ལྷུང་བཞིན་པའི་མིག་ཆུ་ལགས།
ཡོད་ཚད་ལ་བདེ་མོ་འཇོག
རྨ་འདབས་ལ་ཁ་བ་ཆགས་སོང་།།
རྨ་གཞུང་ལ་ལྷག་པ་ལྡིང་སོང་།།
རྨ་འགྲམ་ནས་བྱ་ཁྱུ་འཐོར་དུས།།
རྨ་རྫོང་ནས་ངུ་སྙིང་སྐྱེས་སོང་།།
བརྩེ་དུང་གི་སླུ་བྲལ་དམར་པོ།།
ཕྱིར་དྲན་གྱི་ལོ་ཟླ་དམར་པོ།།
ཉམས་ཆུང་གི་སེམས་པ་དམར་པོ།།
ལས་དབང་གི་བཀོད་ཆག་དམར་པོ།།
སོང་ཟིན་པའི་ལམ་ཀ་ལགས།
གྱེས་ཟིན་པའི་སྙིང་སྡུག་ལགས།
ལྷུང་བཞིན་པའི་མིག་ཆུ་ལགས།
ཡོད་ཚད་ལ་བདེ་མོ་འཇོག

你可能喜欢