眼泪

演唱:甘南阿桑
མིག་ཆུ།
ཚིག་དབྱངས: ཨ་སངས།
གཞས་པ: ཨ་སངས།
ལྷ་བྱ་ཁུ་བྱུག་སྔོན་མོ།
ལྷོ་ཕྱོགས་མོན་ལ་འཕུར་སོང་།
ཉམས་ཆུང་འཇོལ་མོ་ང་ཡི།
སེམས་པ་སྐྱོ་བས་བཀང་སོང་།
གསེར་མདོག་ཉི་མ་སེར་པོ།
ནུབ་རིའི་ཕྱོགས་སུ་བཞུད་སོང་།
དུང་མདོག་ཟླ་བའི་འཛུམ་ཞལ།
ཆུ་འཛིན་གཞོན་ནུས་བསྒྲིབ་སོང་།
མཛེས་པའི་མེ་ཏོག་སེར་ཆེན།
སྟོན་མཇུག་རླུང་བུས་ཁྱེར་སོང་།
རྐང་དྲུག་སྦྲང་མ་ང་ཡིས།
སྐྱོ་བའི་མིག་ཆུ་ཤོར་སོང་།

你可能喜欢